规范语言文字 构建和谐校园

规范语言文字 构建和谐校园

当前位置: 首页 > 学校简介 > སློབ་གྲྭའི་མཚམས་སྦྱོར།

སློབ་གྲྭའི་མཚམས་སྦྱོར།

2018年03月06日 10:02:07 访问量:769

སློབ་གྲྭའི་མཚམས་སྦྱོར། 

རྩེ་ཁོག་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ཕྱོགས་ཀྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཞིའི་ཡ་གྱལ་གཅིག་ཡིན་ལ།  འབྲོག་ལས་རྐྱང་རྐྱང་གི་རྫོང་གཅིག་ཡིན། 

འུ་ཅག་གི་སློབ་གྲྭ་འདི་ནི་རྩེ་ཁོག་རྫོང་མཁར་དུ་ཆགས་ཡོད་ཅིང་།  སློབ་གྲྭ་འདིའི་མིང་ལ་སྔོན་ཆད་རྩེ་ཁོག་རྫོང་དམའ་རིམ་སློབ་འབྲིང་ཟེར། སྔོན་ཆད་སློབ་གྲྭ་འདིའི་ནང་དུ་དམའ་འབྲིང་རིམ་པའི་འཛིན་གྲྭའང་བཙུགས་ཡོད།  ད་ལྟ་འུ་ཅག་གི་སློབ་གྲྭའི་མིང་ལ་རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་ཟེར། 

སློབ་གྲྭ་འདིའི་ནང་དུ་ད་ལྟ་ཁྱོན་བསྡོམས་འཛིན་གྲྭ་ཞེ་གཉིས་ཡོད།  དེའི་ནང་བྱིས་སྐྱོང་གླིང་ལ་འཛིན་གྲྭ་གསུམ་དང་སློབ་མ་158།  རྒྱ་ཡིག་འཛིན་གྲྭ་ལ་འཛིན་གྲྭ་དྲུག་སྟེ་སློབ་རིམ་རེ་རེར་འཛིན་གྲྭ་རེ་ཡོད་ལ་སློབ་མ་ཁྱོན་བསྡོམས108།  དེའི་ནང་གི་སློབ་གྲོགས་མང་ཆེ་བ་རྒྱ་རིགས་དང་ཧེ་རིགས་ཡིན། བོད་ཀྱང་འགའ་རེ་ཡོད། སློབ་གྲྭར་ཁྱོན་སློབ་མ1776ལྷག་ཡོད། བོད་ཡིག་འཛིན་གྲྭ་ལ་འཛིན་གྲྭ་33ཡོད།  བོད་ཡིག་འཛིན་གྲྭ་ནི་སློབ་ཁྲིད་ཀྱི་རྣམ་པ་དང་པོ་སྤྱོད་ཀྱིན་ཡོད།  ད་སྔ་རྩེ་ཁོག་རྫོང་གི་ཆེས་ཆེ་བའི་སློབ་ཆུང་ཡིན་པ་མ་ཟད།  རྨ་ལྷོ་ཁུལ་ནས་ཀྱང་ཆེ་ཤོས་སུ་གཏོགས།  སློབ་ཁྲིད་ཀྱི་སྤུས་ཚད་ཀྱི་ཆ་ནས་ཀྱང་མདུན་གྲས་སུ་ཐོན་ཡོད།

སློབ་གྲྭ་འདིར་ཆེད་གཉེར་དགེ་རྒན་79ཡོད།   ཚབ་ཁྲིད་དགེ་རྒན་དང་བྱིས་སྐྱོང་དགེ་རྒན་31ཡོད།  དགེ་བཟོ་བ་ཁྱོན་བསྡོམས153  དགེ་རྒན་གཙོ་བོ་རྩེ་ཁོག་ས་ཁུལ་དང་།  རེབ་གོང་།  མཚོ་ཤར།  གཙན་ཚ།  མཚོ་ལྷོ། སོགས་ནས་རྒྱུགས་འཕྲོད་གདན་ཞུའི་ལམ་ལུགས་བརྒྱུད་ནས་འོང་པ་ཡིན་པས་དགེ་རྒན་གྱི་དཔུང་སྡེ་སྲ་ཞིང་བརྟན་ལ་སྤུས་ཚད་ལེགས་པས་རྒྱལ་ཁབ་རིམ་པའི་ཚད་གཞིར་སླེབས་ཡོད།

     སློབ་ཁྲིད་བྱ་བའི་དོ་དམ་བྱེད་ཕྱོགས་གཙོ་བོ་སློབ་རིམ་ཚན་ཁག་ལྟར་བགོས་ནས་སློབ་གྲྭའི་བྱ་བ་ཆེ་མ་ཆུང་གསུམ་ལག་བསྟར་བྱེད་བཞིན་ཡོད་དེ།   ཚན་ཁག་དྲུག་སྟེ་སློབ་རིམ་དང་པོ་ནས་དྲུག་པའི་བར་བགོས་ཡོད།  ཚན་གཙོ་དྲུག་དང་ཚན་གཙོ་གཞོན་པ་དྲུག་ཡོད།   ཚན་ཁག་ལས་ཤག་དྲུག་ཡོད།  སློབ་ཁྲིད་དང་སྒྲིག་ལམ།   གཙང་དག་སོགས་ཡོད་ཚད་སློབ་རིམ་ཚན་གཙོའི་བཀོད་འདོམས་འོག་ལེགས་འགྲུབ་འབྱུང་གིན་ཡོད།  སློབ་སྟོན་ཁང་གི་ལྟ་སྐུལ་དང་མཛུབ་སྟོན་འོག་བྱ་འགུལ་དང་གནང་ཞུའི་ལམ་ལུགས་སོགས་བྱ་བ་ཆེ་མ་ཆུང་ཡོད་ཚད་ཚན་གཙོས་འགན་གཅིག་ལྕོགས་ཀྱིས་ལག་བསྟར་བྱེད་བཞིན་ཡོད།  ཟླ་ལྟར་འཆར་གཞི་བཟོས་ནས་ཟླ་རེར་སྤྱི་སྟོན་སྤུས་ལེགས་སློབ་ཁྲིད་གཅིག་རེ་དང་།   བྱ་འགུལ་ཉུང་མཐའ་གཅིག་རེ།  ཀུན་སྤྱོད་སློབ་གསོའི་ཚོགས་འདུ་གཅིག་རེ་སོགས་འཚོགས་བཞིན་ཡོད།

        འུ་ཅག་གི་སློབ་གྲྭ་འདིའི་སློབ་གསོའི་ཁ་ཕྱོགས་ཡིན་ན་དེང་རབས་སློབ་གསོའི་དགོངས་དོན་གཞིར་བཟུང་ནས་འབྲས་ལེགས་སློབ་ཁྲིད་ཀྱི་རྣམ་པ་སྤྱད་པ་ཞིག་ཡིན་ཏེ།   སློབ་མ་སྲོག་ཤིང་། སློབ་མ་གཙིགས་མཐོང་།   སློབ་མར་མཉམ་འབྲེལ་གྱི་རྩ་དོན་ལྟར་མི་གཞི་ལེགས་པའི་སློབ་མ་ནུས་པ་ཅན་སྐྱེད་སྲིང་བྱེད་བཞིན་ཡོད།   གཅིག་ནས་སློབ་ཁང་གི་སྐྱེད་སྲིང་སྟེ་སློབ་ཁྲིད་བརྒྱུད་ནས་སློབ་མ་སྐྱེད་སྲིང་བྱེད་པ་དང་།   གཉིས་ནས་སྤྲོ་སྣང་ཚན་ཆུང་དང་ཐུན་མཚམས་རྩལ་སྦྱང་།  ནུས་རྩལ་ཁང་སོ་སོའི་བརྒྱུད་ནས་སློབ་མ་སྐྱེད་སྲིང་བྱེད་བཞིན་ཡོད།  གསུམ་ནས་བྱ་འགུལ་སྣ་ཚོགས་བརྒྱུད་ནས་སློབ་མའི་ནུས་པ་མང་པོ་ཞིག་སྔོག་འདོན་བྱེད་བཞིན་ཡོད། 

  སློབ་ཁང་གི་སློབ་ཁྲིད་ནི་ངེས་པར་དུ་ཁྲིད་ཡིག་དགོས་པའི་རྨང་གཞིའི་སྟེང་སློབ་ཁྲིད་མང་ཆེ་བར་སྨྱན་ཁྲིད་བཟོ་བ་དང་འཛིན་གྲྭའི་གློག་རྡུལ་སྒོ་སམ་བཀོལ་དགོས་པ་དང་།  རང་འགུལ་རང་རྟོགས་ཀྱིས་ཤེས་སུ་འཇུག་པ་དང་སྟབས་བདེའི་སྒོ་ནས་ཤེས་པ།  ཤེས་པ་དེ་མི་བརྗེད་པ་དང་ཤེས་ཟིན་པ་བཀོལ་ཐུབ་པའི་ཕྱོགས་་ཤུགས་སྣོན་བྱེད་ཀྱིན་ཡོད། རང་གཅིག་པུས་བཤད་བཤད་ལ་འདུག་པ་དང་སློབ་མའི་ཉན་ཉན་ལ་འདུག་པའི་རྣམ་པ་ཕལ་ཆེལ་རྩ་བ་ནས་བཅོས་བསྒྱུར་བྱས་ཡོད། 

སྤྲོ་སྣང་ཚན་ཆུང་ཡིན་ན་གཟའ་དྲུག་པོར་ཉིན་རེ་རེ་བཞིན་སློབ་རིམ་རེ་རེ་བགོས་ནས་གླུ་དབྱངས་ཁང་དང་ཞབས་བྲོ་ཁང་།   འཕྲུལ་ཆས་ཀྱི་མི།  ཡིག་གཟུགས་ཁང་།   རི་མོ་ཁང་།  སྣ་འཛོམས་ལག་ལེན་ཁང་།  རྩིས་འཁོར་ཁང་།  ལྟ་ཀློག་ཁང་།  སྒྲ་གདངས་ཁང་སོགས་ལ་བགོས་ནས་སློབ་ཁྲིད་བྱེད་ཀྱིན་ཡོད།  འདི་ནི་སློབ་མ་སོ་སོའི་རང་གི་དགའ་ཕྱོགས་ལྟར་འདེམས་པ་ཡིན་ཞིང་།   ཟླ་གཅིག་གི་ནང་ནས་ཡང་བསྐྱར་སྤྲོ་སྣང་ཚན་ཆུང་གཞན་བདམས་ནས་དེ་ལ་ཞུགས་དགོས།  མིག་སྔར་ནུས་རྩལ་སློབ་ཁང་བཅོ་བརྒྱད་ལྷག་བཙུགས་ཡོད་ལ་དེ་ལ་འགན་ཁུར་བ་རེ་དང་རོགས་འདེགས་པ་རེ་བཀོད་སྒྲིག་བྱས་ཡོད།

        ཐུན་མཚམས་རྩལ་སྦྱང་སྐབས་གཅིག་ནས་སློབ་གྲྭ་རང་གིས་སྒྲིག་སྦྱོར་བྱས་པའི་སྐོར་བྲོ་གསར་བ་རྩེད་ནས་སློབ་མའི་ལུས་ཕུང་བདེ་ཐང་དང་ཞབས་བྲོའི་ནུས་པ་སྐྱེད་སྲིང་བྱེད་བཞིན་ཡོད།   གཉིས་ནས་རྒྱང་སྒྲོག་ལུས་རྩལ་རྩེད་ཀྱིན་ཡོད།   གསུམ་ནས་ཐུན་མཚམས་སྣ་འཛོམས་བྱ་འགུལ་བཀོད་སྒྲིག་བྱས་ནས་འཛིན་གྲྭ་ལྟར་གཟེབ་གྲུག་དང་རྐང་རྩེད་སྤོ་ལོ།  ཐེ་སྤུ།   ཐག་ལྡིང་སོགས་རྩེས་ནས་སློབ་མའི་ལུས་རྩལ་རྣམ་གྲངས་མང་པོ་ཞིག་ལ་རྨང་གཞི་གདིང་བ་དང་དེའི་ཕྱོགས་ཀྱི་དགའ་ཕྱོགས་སྐྱེད་སྲང་བྱེད་བཞིན་ཡོད།

        གཞན་ཡང་གཟའ་མིག་དམར་ཉིན་ནུས་རྩལ་ཁང་སོ་སོའི་སྒོ་འབྱེད་ཉིན་མོར་གཏན་ཁེལ་བྱས་ནས་སློབ་གྲོགས་རྣམས་རང་རང་གི་འདོད་མོས་ལྟར་ནུས་རྩལ་ཁང་སོ་སོར་སོང་ནས་ལྟ་བ་དང་ལས་པ།  བསྒྲུབ་པ།  ཉན་པ།  སྦྱོང་བ།  བསམ་པ།  འབྲི་བ་སོགས་བྱ་བ་མང་པོ་ཞིག་བསྒྲུབ་ཀྱིན་ཡོད།

       བྱ་འགུལ་གྱི་སྐོར་ནས་སློབ་གྲྭ་གཞུང་གིས་རྩ་འཛུགས་བྱས་པའི་བྱ་འགུལ་ཆེ་བ་དང་།  སློབ་རིམ་རིམ་པ་ལྟར་ཟླ་རེ་ལ་བྱ་འགུལ་ཐེངས་རེ་ངེས་པར་དུ་སྤེལ་དགོས་པའི་ཐག་གཅོད་བྱས་ཡོད།   འཛིན་གྲྭ་ལྟར་ཀྱང་བྱ་འགུལ་ཆུང་བ་སྤེལ་གྱིན་ཡོད།   ཐུན་མོང་གི་སློབ་རིམ་བྱ་འགུལ་ཡིན་ན་ཐོག་མར་འཆར་གཞི་དང་ཇུས་འགོད་སློབ་སྟོན་ཁང་དུ་སྤྲད་ཅིང་སློབ་སྟོན་ཁང་གི་ཆོག་མཆན་བཀོད་པ་ལྟར་སྤེལ་བཞིན་ཡོད།  དུས་གཏན་ཁེལ་བྱས་ནས་གནས་གཏན་ཁེལ་བྱས་ནས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་ཅིང་སྤྱི་བསྡོམས་བྱེད་བཞིན་ཡོད།  དེས་ཀྱང་སློབ་མ་མང་པོ་ཞིག་གི་ནུས་པ་སྣ་ཚོགས་སྔོག་འདོན་དང་སྐྱེད་སྲིང་བྱེད་བཞིན་ཡོད།

    གཞན་ཡང་སློབ་གྲོགས་རྣམས་ཀྱི་རྩོམ་རྩལ་འཕེལ་རྒྱས་ཀྱི་ཆེད་དུ་འཛིན་གྲྭ་སོ་སོར་ཆེད་དུ་རྩོམ་ཡིག་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད།  དེ་མིན་རྩོམ་པ་པོ་ཆུང་ཆུང་ཞེས་པའི་སློབ་རའི་ཚགས་པར་སྤེལ་ནས་རྩོམ་ཡིག་གཙོ་བྱས་རི་མོ་དང་ཡིག་གཟུགས་སོགས་སྟེང་དུ་སྤེལ་བཞིན་ཡོད། དེའི་སྟེང་དུ་སྤེལ་ཐུབ་བྱུང་བའི་སློབ་གྲོགས་རྣམས་ལ་བསྟོད་བསྔགས་བྱས།  བྱ་དགའ་སྤྲད་ནས་རྩོམ་པ་པོ་ཆུང་ཆུང་གང་མང་ཞིག་སྐྱེད་སྲིང་དང་ལམ་སྟོན།  སྐུལ་འདེད་བྱས་དང་བྱེད་བཞིན་ཡོད།

     འདི་འདྲའི་བྱ་བ་གང་མང་ཞིག་བརྒྱུད་ནས་རང་རེའི་སློབ་མ་རྣམས་མི་བྱེད་ཤེས་པ། བྱ་བ་བསྒྲུབ་ཤེས་པ།   སློབ་སྦྱོང་བྱེད་ཤེས་པ།  འཚོ་བ་རོལ་ཤེས་པ།  དཔེ་ཆ་ཀློག་ཤེས་པ་མ་ཟད།  འདི་དག་བསྒྲུབ་པར་ཡང་དགའ་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཚུལ་ལྡན་འཇོན་ནུས་ཅན་ཞིག་ཏུ་འཁྱོངས་རྒྱུ་ང་ཚོས་ཧུར་ཐག་འབད་ཐག་བྱེད་ཀྱིན་ཡོད།

དགེ་རྒན་རྣམས་ལ་ཁ་ཕྱོགས་ནས་ཉིན་གུང་སོགས་ཀྱི་དུས་ཚོད་བེད་སྤྱད་ནས་ཡིག་གཟུགས་སྦྱོང་བ་དང་རྣོ་སྦྲེང་སྦྱང་བ།  རྩིས་འཁོར་ཟབ་སྦྱོང་དང་བྱ་འགུལ།  དེ་མིན་གཟའ་མིག་དམར་ཉིན་གྱི་ནུས་རྩལ་སློབ་ཁང་གི་སྒོ་འབྱེད་དང་བསྟུན་ནས་དེ་སོང་ནས་སློབ་སྦྱོང་བྱས་ཆོག་པ་སོགས་ཀྱི་གོ་སྐབས་དང་ཁོར་ཡུག་བསྐྲུན་ནས་དགེ་རྒན་རྣམས་ཀྱི་རྨང་གཞིའི་ནུས་པ་མཐོར་འདེགས་ལ་ཕྱར་བ་གྲུ་འདེགས་བྱེད་ཀྱིན་ཡོད།

སློབ་སྐབས་རེ་རེའི་མཇུག་ཏུ།  དཔྱད་བསྡུར་དང་བྱ་དགའ་འང་གང་མང་བསྩལ་ནས་སྐུལ་འདེད་བྱེད་ཀྱིན་ཡོད།   དཔེར་ན།  ཕུལ་བྱུང་དགེ་རྒན།  ཕུལ་བྱུང་ལས་རེས་པ།  ཕུལ་བྱུང་ལས་བཟོ་བ།  ཕུལ་བྱུང་འཛིན་བདག   ཕུལ་བྱུང་ལས་ཞུགས་པ།  ཕུལ་བྱུང་དཔེ་ཀློག་པ།  ཕུལ་བྱུང་སློབ་རིམ་ཚན་ཁག ཕུལ་བྱུང་འཛིན་གྲྭ། ཕུལ་བྱུང་ཁྲིད་ཡིག   ཕུལ་བྱུང་ལས་བྱ།  ཕུལ་བྱུང་བསླབ་འབྲས།  བཟང་བོ་གསུམ་ལྡན་གྱི་སློབ་མ།  རྩོམ་ཡིག་བྱ་དགའ་སོགས་གང་མང་ཡོད།   འདི་དག་གིས་དགེ་སློབ་ཡོངས་དང་ལས་བཟོ་བའི་འཇོན་ནུས་འདོན་སྤེལ་དང་རྨང་གཞིའི་ནུས་པ་མཐོར་འདེགས་སུ་བཏང་བ་མ་ཟད།   བཟང་བོ་བསྟོད་བསྔགས་དང་གཞན་དག་ལ་སྐུལ་འདེད་བྱས་ནས་མཉམ་དུ་འཕེལ་རྒྱས་འབྱུང་བར་་ནུས་པ་མི་དམན་པ་འཐོན་གྱིན་ཡོད།

编辑:则多加
上一篇:没有了
下一篇:没有了
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县城关寄宿制中心完全小学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:泽库县泽雄路33号
北京网笑信息技术有限公司 仅提供技术支持 违法和不良信息举报中心