规范语言文字 构建和谐校园

规范语言文字 构建和谐校园

当前位置: 首页 > 计划方案 > 三年级组下学期计划

三年级组下学期计划

2021年03月10日 16:34:25 访问量:287

ལོ་རིམ་གསུམ་པ་ཚན་ཁག་གི་སློབ་སྐབས་སྨད་ཀྱི་

བྱ་བའི་འཆར་གཞི།

སློབ་གསོ་དེང་རབས་ཅནདང་མ་འོངས་པར་ཁ་ཕྱོགས་པའི་དམིགས་བྱ་གཙོར་བཟུང་སྟེསློབ་སྒྲུབ་གསར་བའི་ལམ་ལུགས་འདི་ལེགས་འགྲུབ་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཆེད། ངེད་ལོ་རིམ་ཚན་ཁག་གིས་སློབ་རའི་ཕྱོགས་ཡོངས་ཀྱི་བྱ་བ་ཡར་རྒྱས་དང་ལྷག་པར་དུ་སློབ་མའི་ཤེས་བྱའི་ནུས་ཚད་མཐོར་འདེགས་གཏོང་བ།སློབ་གསོ་སྤྲོ་སྣང་ཅན་དང་སྣ་མང་ཅན།ལས་ཆོད་ཅན་གྱི་སློབ་གསོའི་སློབ་ཁྲིད་ལ་ཁ་ཕྱོགས་པའི་ཆེད་དུ་སློབ་སྐབས་འདིའི་བྱ་བའི་འཆར་གཞི་གཤམ་གསལ་ལྟར།

གཅིག བསམ་བློའི་ཀུན་སྤྱོད།

མི་ཞིག་ལ་ཆ་མཚོན་ནས་བཤད་ན་ཀུན་སྤྱོད་བཟང་བོ་ཞིག་ཆགས་རྒྱུ་ནི་ཆེས་གཞི་རྩ་དང་མི་གཤིས་ཀྱི་གནད་དོན་གཙོ་བོ་ཡིན།སློབ་གྲྭ་ཞིག་ལ་མཚོན་ན་དགེ་རྒན་ནི་སློབ་གསོའི་སྲོག་རྩ་ཡིན་པས་ཐོག་མར་དགེ་རྒན་རང་ཉིད་ནས་མི་གཤིས་གཙང་མ་ཞིག་གིས་སློབ་མའི་ཀུན་སྤྱོད་ཕྱོགས་ཡོངས་ནས་ལེགས་པའི་ལམ་དུ་ཁྲིད་དེ་སློབ་མ་དེ་ཉིད་ཞི་དུལ་དང་ཡ་རབས་ཚུལ་ལྡན།སྤྱོད་གཙང་ཀུན་ལྡན་གྱི་མི་གཤིས་ཅན་ཞིག་ཏུ་སྐུལ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། ང་ཚོས་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་དང་།དགེ་སློབ་རང་འགུལ་གྱི་ངང་ནས་སློབ་རའི་ཁོར་ཡུག་གཙང་སྦྲ།སྤྱིའི་རྒྱུ་རྫས་ལ་དོ་དམ།སྤྱི་ཚོགས་འཆམ་འཐུན་བཅས་ལ་ཤུགས་སྣོན་བྱས་ཏེ་དཔེ་བཟང་གི་སློབ་གྲྭའི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་རྒྱུ་ནི་གནད་གཙོ་བོ་བཟུང་ཡོད།

གཉིས།སློབ་གྲྭའི་སློབ་གསོ།

སློབ་གསོ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་དམ་པོ་ཡོད་པས་མི་རིགས་ཡར་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཡིན།སློབ་གསོ་བྱ་ཡུལ་གྱི་ན་ཆུང་རྣམས་ལ་དམིགས་ཡུལ་དང་འཆར་གཞི།རྩ་འཛུགས་སོགས་ལྡན་པའི་སྒོ་ནས་བག་ཆགས་འཇོག་པའི་བྱེད་སྒོ་སྤེལ་ཞིང་།སློབ་བུ་རྣམས་ཀྱི་ཤེས་རིག་ཡར་རྒྱས་་ལུས་ཕུང་བདེ་ཐང་དུ་གཏོང་བ།ཤེས་བྱ་དང་ནུས་རྩལ་ངེས་ཅན་ཞིག་ཐོབ་པ།དེ་མིན་བསམ་བློའི་ཀུན་སྤྱོད་ངེས་ཅན་ཞིག་ཆགས་པར་སློབ་གསོར་རག་ལས་པས། རང་སློབ་གྲྭའི་སློབ་གསོའི་ཐབས་ལམ་གསར་བ་སྟེ། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱེད་ཆས་བཀོལ་ནས་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཡོ་བྱད་འཐུས་ཚང་། སློབ་སྒྲུབ་ཐབས་ལམ་གསར་བར་སྣེ་ཁྲིད་མཛུབ་སྟོན་བྱེད་དུ་འཇུག་རྒྱུ།

 

གསུམ།སློབ་སྐབས་འདིའི་བྱ་བའི་བཀོད་སྒྲིག

ཟླ་གསུམ་པའི་འཆར་གཞི།

སློབ་མགོ་བརྩམས་ཏེ་སློབ་མའི་མིང་ཐོ་འགོད་པ། དབྱར་གནང་གི་ལས་བྱ་བློར་འཛིན།

༢ སློབ་ཁང་དང་ཁོར་ཡུག བར་ཁྱམས་བཅས་ལ་དུག་སེལ་བྱ་བར་ཤུགས་སྣོན་པ།

འཛིན་བདག་གི་སྤྱིའི་བྱ་བའི་འཆར་འགོད་དང་བསླབ་ཚན་ཁག་གི་འཆར་གཞི་འགོད་པ།

སློབ་རའི་བདེ་འཇགས་དང་ཁོར་ཡུག་གཙང་སྦྲར་ཤུགས་སྣོན་བྱེད་པ།

སློབ་མའི་ཉིན་རྒྱུན་གྱི་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པ།

ཟླ་བཞི་བའི་འཆར་གཞི།

༡སློབ་རའི་བདེ་འཇགས་དང་ཁོར་ཡུག་གཙང་སྦྲར་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུ

༢སློབ་མའི་ཉིན་རྒྱུན་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་པ།

༣སློབ་མའི་སློབ་རའི་འཚོ་བར་ཕུན་སུམ་ཇེ་ཚོགས་དང་སློབ་སྦྱོང་གི་སྤྲོ་བ་འཕེལ་ཆེད།སློབ་གྲྭའི་སློབ་མ་ཡོངས་ལ་ཁ་ཕྱོགས་ཏེ་ངེད་ལོ་རིམ་གསུམ་པ་ཚན་ཁག་གིས་ཟླ་བཞི་བར་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ་གྲབས་ཡོད།

ཟླ་ལྔབའི་འཆར་གཞི།

༡སློབ་རའི་བདེ་འཇགས་དང་ཁོར་ཡུག་གཙང་སྦྲར་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུ།

༢སློབ་མའི་ཉིན་རྒྱུན་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་པ།

༣སློབ་མའི་སློབ་རའི་འཚོ་བར་ཕུན་སུམ་ཇེ་ཚོགས་དང་སློབ་སྦྱོང་གི་སྤྲོ་བ་འཕེལ་ཆེད།སློབ་གྲྭའི་སློབ་མ་ཡོངས་ལ་ཁ་ཕྱོགས་ཏེ་ངེད་ལོ་རིམ་གསུམ་པ་ཚན་ཁག་གིས་ཟླ་ལྔ་བར་ཡང་རྒྱ་ཡིག་གི་གྱེར་འདོན་འགྲན་སྡུར་གྱི་བྱ་འགུལ་ཞིག་ཀྱང་སྤེལ་གྲབས་ཡོད།

ཟླ་དྲུག་པའི་འཆར་གཞི།

༡སློབ་རའི་བདེ་འཇགས་དང་ཁོར་ཡུག་གཙང་སྦྲར་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུ།

༢སློབ་མའི་ཉིན་རྒྱུན་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་པ།

༣དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་ལ་གྲ་སྒྲིག་ཕུན་སུམ་ཚོགས་པ་དང་།སློབ་མའི་བདེ་འཇགས་དོ་དམ་ཐད་སྔར་ལས་ཀྱང་ཤུགས་སྣོན་རྒྱག་རྒྱུ།

ཟླ་བདུན་པའི་འཆར་གཞི།

༡སློབ་རའི་བདེ་འཇགས་དང་ཁོར་ཡུག་གཙང་སྦྲར་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུ།

༢སློབ་མའི་ཉིན་རྒྱུན་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་པ།

༣བསླབ་ཚན་ཡོངས་ཀྱི་སློབ་ཁྲིད་བདེ་ལེགས་ངང་མཇུག་སྒྲིལ་དང་།མཇུག་རྒྱུགས་ཀྱི་བསྐྱར་སྦྱང་ཐད་ལ་ཤུགས་སྣོན་རྒྱག་རྒྱུ།

༤དབྱར་གནང་སྐབས་ཀྱི་སློབ་མའི་བདེ་འཇགས་སྐོར་གྱི་བྱ་བ་དྲིལ་སྒྲོག་དང་སློབ་སྐབས་སྤྱིའི་བྱ་བ་སྤྱི་བསྡོམས་བྱ་རྒྱུ།

 

 

 

 

 

 

 

 

 

                  

 

  • 附件(1个)
  • 三年级下学期计划.docx (16kb) 下载
编辑:南卡昂毛
评论区
吉合毛加中(2021/3/29 9:00:34)

回复 支持[0] 反对[0]
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县城关寄宿制中心完全小学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:泽库县泽雄路33号
北京网笑信息技术有限公司 仅提供技术支持 违法和不良信息举报中心