规范语言文字 构建和谐校园

规范语言文字 构建和谐校园

当前位置: 首页 > 语文教研组 > 2020-2021年第二学期工作计划

2020-2021年第二学期工作计划

2021年03月16日 14:58:07 来源:2020-2021年第二学期工作计划 访问量:134

ལོ་རིམ་གཉིས་པ་ཚན་ཁག་གི་སློབ་སྐབས་ས་ཀྱི་བྱ་བའི་འཆར་གཞི།

 

སློབ་སྐབས་འདིར་རིམས་འགོག་བྱ་བ་ཆེས་གནད་སར་བཟུང་བའི་རྨང་གཞིའི་སྟེང་སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་མ་འོངས་པ་ལ་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་པའི་དམིགས་བྱ་གཙོར་བཟུང་ཏེ་རང་སློབ་གྲྭ་སློབ་སྒྲུབ་ཐབས་ལམ་གསར་བའི་ལམ་དུ་ཞུགས་པ་ཡིན།       སློབ་སྒྲུབ་གསར་བའི་ལམ་ལུགས་འདི་ལེགས་འགྲུབ་དང་།   འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་ལ་སྙེགས་པར་ངེད་ལོ་རིམ་ཚན་ཁག་གིས་སློབ་རའི་ཕྱོགས་ཡོངས་ཀྱི་བྱ་བ་ཡར་རྒྱས་དང་།   ལྷག་པར་དུ་སློབ་མའི་ལོ་ཚོད་དང་འཚམ་ལ་ཤེས་བྱའི་ནུས་ཚད་ཡག་པོ་བསྐྱེད་པ       སློབ་གསོ་སྤྲོ་སྣང་ཅན་དང་སྣ་མང་ཤེས་བྱར་ཁ་ཕྱོགས་པའི་ཆེད་དུ་སློབ་སྐབས་འདིའི་སློབ་གསོ་བྱ་བའི་འཆར་གཞི་འདི་ལྟར་བཀོད་སྒྲིག་བྱས་ཡོད།

གཅིག    ཏོག་དབྱིབས་གློ་ཚད་རིམས་ནད་སྔོན་འགོག་གི་ཤེས་བྱ་བརྒྱུད་སྒྲོག་བྱ་རྒྱུ།

    རྒྱལ་སྤྱི་དང་རྒྱལ་ནང་རིམ་པ།ཐ་ན་འཛམ་གླིང་རང་བཞིན་ན་ཐེངས་འདིའི་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་བའི་ཚ་རླབས་ཆེ་བའི་སྐབས་འདིར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།ཁུལ་རིམ་པ།རྫོང་རིམ་པ་བཅས་ཀྱི་ཡིག་ཆའི་དགོངས་དོན་སོ་ན་རིམས་ནད་སྔོན་འགོག་བྱ་བའི་འཆར་གཞིའི་གསལ་ཞིང་ཞིབ་ཆ་དོད་པ་ཞིག་ཡིན་པ་དང་།ལྷག་པར་རང་སློབ་གྲྭའི་མགོ་ཁྲིད་རིམ་པས་གོང་རིམ་ཡིག་ཆ་ཁག་ལ་གསལ་ཁ་བཏོན་ཏེ་ལོ་རིམ་ཚན་ཁག་སོ་སོར་རེ་བ་ནན་མོ་བཏོན་ཡོད་པས་ངེད་ལོ་རིམ་དང་པོ་ཚན་ཁག་ནས་ཀྱང་ཡིག་ཆའི་དགོངས་དོན་དག་གི་ཞིབ་ཆ་བླངས་ཏེ་བྱིས་པའི་ལོ་ཚོད་དང་འཚམ་པའི་རིམས་ནད་སྔོན་འགོག་གི་བྱ་བར་ཤུགས་བརྒྱབ་ཏེ་བྱིས་པ་སོ་སོར་བདེ་ཐང་ཅན་དང་གོམས་གཤིས་ཅན་གྱི་གཙང་སྤྲར་དོ་སྣང་ཡག་པོ་བྱ་རྒྱུ་ཡིན།

གཉིས།      བསམ་བློ་ཀུན་སྤྱོད།

མི་ཞིག་ལ་ཆ་མཚོན་ནས་བཤད་ན་ཀུན་སྤྱོད་བཟང་བོ་ཞིག་ཆགས་རྒྱུ་ནི་ཆེས་གཞི་རྩ་དང་མི་གཤིས་ཀྱི་གནད་གཙོ་བོ་ཡིན།     སློབ་གྲྭ་ཞིག་ལ་མཚོན་ན་དགེ་རྒན་ནི་སློབ་གསོའི་སྲོག་རྩ་ཡིན་པས།    ཐོག་མར་དགེ་རྒན་རང་ཉིད་ནས་མི་གཤིས་གཙང་མ་ཞིག་གིས་སློབ་མའི་སྤྱོད་ཡོན་ཕྱོགས་ཡོངས་ནས་ལེགས་པའི་ལམ་དུ་ཁྲིད་དེ་སློབ་མ་དེ་ཉིད་ཞི་དུལ་དང་ཡ་རབས་ཚུལ་ལྡན།  སྤྱོད་གཙང་ཀུན་ལྡན་གྱི་མི་གཤིས་ཅན་ཞིག་ཏུ་སྐུལ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ན།           ང་ཚོས་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་དང་།  དགེ་སློབ་རང་འགུལ་གྱི་ངང་ནས་སློབ་རའི་ཁོར་ཡུག་གཙང་སྤྲ།སྤྱིའི་རྒྱུ་རྫས་ལ་དོ་དམ།          རང་འགུལ་རང་བཞིན་གྱིས་དཔེ་ཀློག་ལ་འཇུག་པ་བཅས་བྱས་ཏེ་གཙོ་བོ་དགེ་རྒན་ནས་ན་ཆུང་བྱིས་པ་འདི་ཚོར་མིག་དཔེ་་་་་་བཟང་བོ་ཞིག་སྟོན་རྒྱུ་ནི་གལ་ཆེ་བོར་བཟུང་ཡོད།

སུམ  སློབ་སྟོན་ལ་བཏོན་པའི་རེ་བ།

སུའུ་ཀི་ལ་ཏིས་བཤད་པ་ལྟར།སློབ་གསོ་ནི་མ་འོངས་པའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་གི་གྲ་སྒྲིག་དང་སྔོན་འགྲོ་ཡིན་ཞེས་གསུང་བ་དང་། སི་པིན་སུས་སློབ་གསོ་ནི་མིའི་ནང་སེམས་འགུག་བྱེད་ཀྱི་ལྕགས་ཀྱུའི་ཐབས་ལམ་དང་ཆ་རྐྱེན་ཡིན།    ཞེས་གསུང་བ་བཞིན་སློབ་གསོ་ནི་ཀུན་གྱི་རྩ་བ་ཡིན།      ལྷག་པར་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་དམ་པོ་ཡོད་པས།      མི་རིགས་ཡར་རྒྱས་ཀྱི་སྙིང་ལྟ་བུ་ཡིན།         སློབ་གསོ་བྱ་ཡུལ་གྱི་ན་གཞོན་རྣམས་ལ་དམིགས་ཡུལ་དང་འཆར་གཞི།    རྩ་འཛུགས་སོགས་ལྡན་པའི་སྒོ་ནས་བག་ཆགས་འཇོག་པའི་བྱེད་སྒོ་སྤེལ་ཞིང་།          སློབ་བུ་རྣམས་ཀྱི་ཤེས་རིག་དང་ལུས་ཕུང་ཡར་རྒྱས་སུ་གཏོང་བ་དང་། ཤེས་བྱ་དང་ནུས་རྩལ་ངེས་ཅན་ཞིག་ཐོབ་པ།    དེ་མིན་བསམ་པའི་ཀུན་སྤྱོད་ངེས་ཅན་ཞིག་ཆགས་པར་སློབ་གསོར་རག་ལས་པས་རང་སློབ་གྲྭའི་སློབ་གསོའི་ཐབས་ལམ་གསར་བ་སྟེ།      སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཡོ་བྱད་འཐུས་ཚང་།   ལས་ཆོད་ཆེ་བར་དམིགས་ནས་སློབ་གསོ་ཆེད་མཁས་པ་གདན་འདྲེན་དྲངས་ཏེ།    སློབ་སྒྲུབ་ཐབས་ལམ་གསར་བ་སྟེ་ལྟ་ཁྲིད་སྦྱོང་སེལ་གྱི་སློབ་ཁྲིད་ཐབས་ལམ་གསར་བར་མུ་མཐུད་སྣེ་ཁྲིད་མཛུབ་སྟོན་བྱེད་དུ་འཇུག་རྒྱུ་ནི་ངེད་ཚན་ཁག་གིས་སློབ་གྲྭར་བཏོན་་་་་པའི་རེ་བ་ཞིག་ཡིན།

བཞི   ློབ་སྐབས་འདིའི་བྱ་བའི་བཀོད་སྒྲིག  ༼ ློབ་མགོ་རྩོམ་པའི་བྱ་བའི་བཀོད་སྒྲིག  ༽

སློབ་གྲྭའི་གཞུང་སྒྲུབ་ཁང་གིས་ཐེངས་འདིའི་རིམས་འགོག་སྐབས་ཀྱི་སློབ་མགོ་རྩོམ་པའི་བྱ་བའི་འཆར་གཞི་དང་བྱ་བའི་བཀོད་སྒྲིག་ལྟར་ནན་སྒྲུབ་བྱ་རྒྱུ།

༢འཛིན་བདག་གི་སྤྱིའི་བྱ་བའི་འཆར་འགོད་དང་།      བསླབ་ཚན་ཁག་གི་འཆར་གཞི་འགོད་པ།

༣སློབ་མའི་མལ་ཁང་དང་སློབ་ཁང་སོགས་སློབ་རའི་བདེ་འཇགས་ལ་བལྟ་ཞིབ་ནན་་་་མོ་བྱེད་པ།

༤ན་ཆུང་བྱིས་པར་དུས་རྒྱུན་གྱི་སློབ་གྲྭའི་འགྲོ་འདུག་སྤྱོད་གསུམ་ཡག་པོ་སློབ་དགོས།

སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་།རང་ཉིད་ཀྱི་ལུས་པོ།ལྷག་པར་ཟས་མ་ཟོས་པའི་སྔོན་ལ་ལག་པ་ཡག་པོ་བཀྲུ་དགོས་པའི་གལ་ཆེན་རང་བཞིན་སྨྱན་མང་དང་འབྲེལ་ནས་སློབ་མའི་རྒྱུད་ལ་སློབ་རའི་ཁོར་ཡུག་སྲུང་སྐྱོབ་བམ་རངཉིད་ཀྱི་ལུས་པོ་གཙང་སྤྲ་ཡག་པོ་བྱེད་པའི་འདུ་ཤེས་བཟང་བོ་སྐྱེ་རུ་འཇུག་པ།༼  གཙང་སྤྲ་གོམས་གཤིས་ཅན་ལ་སྐུལ་རྒྱུ།  ༽

སློབ་མའི་སློབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཕྱིར་སྤེལ་བའི་བྱ་འགུལ་བཀོད་སྒྲིག  

ཟླ་གསུམ་པ་དང་བཞི་བ

སློབ་སྐབས་འདིར་སློབ་སྐབས་སྔོན་མ་དང་མི་འདྲ་བར་བྱ་འགུལ་གྱི་གཞི་རྒྱ་ཆེར་བསྐྱེད་དེ་སློབ་མའི་སྐད་ཡིག་གི་རྨང་གཞིའི་ཤེས་སྟེ་བྲིས་ལ་དམིགས་ནས་སློབ་ར་ཡོངས་ལ་ཁ་གཏད་དེ་ཡིག་གཟུགས་ཀྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན།བྱ་འགུལ་འདི་འདྲ་ཞིག་སྤེལ་བའི་དམིགས་གཞིའི་ངེས་ཐད་ནས་གོང་སློབ་གསོ་ཅུའུ་ཡི་རེ་བ་ལྟར་སྐད་ཡིག་གི་རྨང་ནི་འབྲི་ཀློག་གཉིས་ལ་རགས་ལས་པས་ན་ཐེངས་འདིར་ཆེད་དུ་བྲིས་ཀྱིབྱ་འགུལ་ཞིག་སྤེལ་རྩིས་ཡོད།

ཟླ་ལྔ་བ་དང་དྲུག་པ

རྒྱའི་སྐད་ཡིག་གི་ཐ་སྙད་གསོག་ལ་དམིགས་ནས་མིང་བརྡ་ཉན་འབྲིའི་འགྲན་སྡུར་གྱི་བྱ་འགུག་ཞིག་སྤེལ་རྒྱུ་ཡིན།

སློབ་གསོ་ཅུའུ་ཡི་རེ་བ་ལྟར་སྐད་ཡིག་གི་ཐ་སྙད་གསོག་འཇོག་དང་བྲིས་ཀྱི་བརྡ་ནོར་བའི་ཆ་བསྐོང་བའི་ཆེད་དུ་རྒྱུན་སྤྱོད་མིང་བརྡ་བརྒྱད་ཅུ་ལྷག་བྱ་འགུལ་གྱི་ཉིན་ཉི་ཤུ་ལྷག་གི་སྔོན་ལ་སྦྱང་བ་བྱས་རྗེས་ཐ་སྙད་ཉན་འབྲིའི་འགྲན་སྡུར་ཞིག་སྤེལ་རྒྱུར་དམིགས་གཞིར་བཟུང་ཡོད།

ཟླ་བདུན་པ།

སྐད་ཡིག་དང་རྒྱ་ཡིག   རྩིས་རིགབཅས་བསླབ་བྱ་སོ་སོར་ཕྱོགས་བསྡུས་སྤུས་ལེགས་རྒྱུགས་གཞི་རེ་ལེན་རྒྱུ། 

༢ ཀུན་སྤྱོད་ཚོགས་འདུ།

1 དབྱར་གནང་སྐབས་ཀྱི་སློབ་མའི་བདེ་འཇགས་སྐོར་གྱི་སློབ་གསོ།

2 གུང་གསེང་གི་འཚོ་བ་ཡག་པོ་རོལ་དགོས་ཚུལ་དང་ལས་བྱ་དུས་ལྟར་ཡོངས་འགྲུབ་བྱ་རྒྱུ།             ཁྱིམ་ཚང་སློབ་གསོའི་ཁྲོད་ནས་དུས་རྒྱུན་ནན་ཏན་དང་སྤྱོད་ལམ་ཡག་པོ་སློབ་དགོས་ཚུལ་གྱི་གལ་ཆེན་རང་བཞིན་བརྗོད་རྒྱུ།

3 སློབ་སྐབས་སྤྱིའི་བྱ་བའི་སྤྱི་སྡོམ།

 

༄༅།། ལོ་རིམ་གཉིས་པ་ཚན་ཁག་གི་སློབ་སྐབས་སྟོ

 

ཀྱི་བྱ་བའི་འཆར་གཞི།

 

 

 

 

 

 

 

 

 

 

 

 

ལོ་རིམ་གཉིས་པ་ཚན་ཁག་ནས།

2021ལོའི་ཟླ3ཚེས1ལ།

 

编辑:完德加布
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县城关寄宿制中心完全小学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:泽库县泽雄路33号
北京网笑信息技术有限公司 仅提供技术支持 违法和不良信息举报中心