规范语言文字 构建和谐校园

规范语言文字 构建和谐校园

当前位置: 首页 > 教研活动 > སློབ་རའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་བརྡ་སྦྱོར །

སློབ་རའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་བརྡ་སྦྱོར །

2018年04月18日 14:03:55 访问量:1197

          སློབ་རའི་རྩོམ་ཡིག་འགྲན་བསྡུར་སྤེལ་བའི་བརྡ་སྦྱོར །

 

རང་སློབ་གྲྭའི་སྐད་ཡིག་དགེ་རྒན་རྣམས་ཀྱི་སྤྱན་ལམ་དུ།

ན་ཆུང་བྱིས་པ་རྣམས་ནི་རྒྱལ་ཁབ་ཀྱི་མ་འོངས་འཕེལ་རྒྱས་དང་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་དམ་པོ་ཡོད་ཅིང་མི་རིགས་གང་དེའི་ཡར་རྒྱས་ཀྱི་སྙིང་ལྟ་བུ་ཡིན་ཞེས་པ་ལྟར་སློབ་གསོ་བྱ་ཡུལ་གྱི་ན་ཆུང་བྱིས་པ་རྣམས་ལ་དམིགས་ཡུལ་དང་འཆར་གཞི།དགའ་སྣང་།རྩ་འཛུགས་སོགས་ལྡན་པའི་སྒོ་ནས་སྐད་ཡིག་ལ་དགའ་ཞེན་དང་བག་ཆགས་བཟང་བོ་འཇོག་པའི་བྱེད་སྒོ་སྤེལ་ཞིང་།བྱིས་པའི་ལུས་སེམས་བདེ་ཐང་དང་སྐད་ཡིག་གི་འཇོན་ནུས་སྔོག་འདོན་བཟང་བོ་བྱེད་པ།ལྷག་པར་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བའི་ཆེད་དུ།སློབ་གྲྭའི་མགོ་ཁྲིད་ཀྱིས་མཆོག་མཆན་གནང་བ་ལྟར།རང་སློབ་གྲྭའི་རྩོམ་སྒྲིག་ཚན་ཆུང་གིས་ཡང་བསྐྱར་རྩོམ་པ་པོ་ཆུང་ཆུང་ཞེས་པའི་སློབ་རའི་ཚགས་པར་པར་ཐེངས་གཉིས་པར་དམིགས་ཏེ་རྩོམ་ཡིག་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན།

     བྲི་བྱའི་རྩོམ་ཡིག་གི་ཁ་བྱང་ནི་རྩོམ་ཡིག་འགྲན་སྡུར་སྐབས་དེའི་ཚོགས་ར་ནས་་་གསལ་བསྒྲགས་བྱ་རྒྱུ་ཡིན།    རྩོམ་ཡིག་གི་ཁ་བྱང་ལ་སྣ་མང་པོ་ཡོད་པས་རང་མོས་ངང་གདམ་ཆོག    

   ༢ རྩོམ་ལུས་ནི་ཇི་བཞིན་བརྗོད་པ་དང་ཁ་མཚར།སྲོལ་རྒྱུན་སྙན་ངག་བཅས་ཡིན་དགོས།

    རྩོམ་ཡིག་གི་ནང་དོན་ལ་སྤྱིར་ཚད་བཀག་མེད་མོད།འོན་ཀྱང་རང་སློབ་གྲྭའི་ལོ་་འཁོར་དྲུག་ཅུའི་དགའ་སྟོན་དང་རྒྱལ་ཁབ་སློབ་གསོ་དོ་མཉམ་འཕེལ་རྒྱས་ཀྱི་བྱ་གཞག་ལ་བསྟོད་པ་བྱེད་པའི་རྩོམ་ཡིག་འབྲི་སྟངས་ལ་སྐད་ཡིག་དགེ་རྒན་རེ་རེ་ནས་ཁ་ཕྱོགས་་དང་མཛུབ་སྟོན་བྱས་ཏེ་ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་ལ་གྲ་སྒྲིག་ལེགས་པོ་བྱ་ཆོག      ཡིན་ཡང་ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་ཁ་བྱང་སྣ་མང་ཡིན་པས་སློབ་མ་རེ་གཉིས་ལ་མཛུབ་སྟོན་བྱས་ན་ཆོག 

  ༤ ལོ་རིམ་བཞི་བ་ནས་དྲུག་པའི་བར་གྱི་བོད་ཡིག་འཛིན་གྲྭ་སོ་སོ་ནས་རྨང་གཞི་ཆེས་ལེགས་པའི་སློབ་མ་གསུམ་རེ་འགྲན་སྡུར་ལ་ཞུགས་དགོས།

   ༥ འགྲན་སྡུར་གྱི་དུས་ཚོད་ནི།ཟླ་འདིའི་ཚེས་20ཉིན་༼  གཟའ་པ་སངས། ༽  གྱི་ཉིན་གུང་གི་དུས་ཚོད་13:00---14:30བར།

 རྩོམ་ཡིག་འགྲན་སྡུར་ལས་བརྩམས་ཆོས་ལེགས་ཤོས་རྣམས་རང་རང་གི་སྐད་ཡིག་དགེ་རྒན་སོ་སོ་ནས་དག་བཅོས་ཡག་པོ་བྱས་ཏེ་སློབ་རའི་རྩོམ་སྒྲིག་ཚན་ཆུང་ལ་དུས་ལྟར་སྤྲོད་དགོས།

 

 

 

 

 

                                           སློབ་རའི་རྩོམ་སྒྲིག་ཚན་ཆུང་ནས།

                                2018ལོའི་ཟླ4ཚེས18ཉིན།

  • 附件(1个)
  • སློབ་རའི་ཚགས་པར་.docx (16kb) 下载
编辑:完德加布
评论区
则多加(2018/4/18 15:31:48)

རང་སློབ་གྲྭའི་བོད་ཡིག་དགེ་རྒན་རྣམས་ཀྱིས་རྒྱབ་སྐྱོར་བྱས་ཏེ། སྔ་མོ་ནས་རྩོམ་ཡིག་འབྲི་བར་མོས་འདུན་ཡོད་པ་དང་འབྲི་ཤེས་པའི་སློབ་མ་གདམས་ནས་དེ་ལ་མཛུབ་སྟོན་བྱས་ཤིང་། རྩོམ་ཡིག་གདམས་ཐོན་བྱུང་རྗེས་གློག་རྡུལ་ཅན་དུ་གཏག་ནས་རྩོམ་སྒྲིག་ཚན་ཆུང་ལ་དུས་ལྟར་སྤྲོད་པར་མཁྱེན།

回复 支持[0] 反对[0]
索南楞智(2018/5/16 16:10:10)

为了学生的学习成长而加油

回复 支持[0] 反对[0]
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县城关寄宿制中心完全小学 特此声明。

联系地址:泽库县泽雄路33号
北京网笑科技有限公司 仅提供技术支持 违法和不良信息举报中心