འཕྲིན་གསར་གནད་བསྡུས།
མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་སྟོན་ཁང་། ཐེངས་༡ ། ༢༠༡༨ལོའི་ཟླ༣ཚེས༡༠ཉིན།
__________☆__________
ལྟ་ཁྲིད་སྦྱོང་སེལ་གྱི་དཔྱད་གླེང་ཚོགས་འདུ།
སྤྱི་ལོ༢༠༡༨ལོའི་ཟླ༣ཚེས༩ཉིན་གྱི་ཕྱི་དྲོའི་སློབ་ཐུན་གཉིས་དང་། ཚེས་༡༠ཉིན་གྱི་ཕྱི་དྲོའི་སློབ་ཐུན་གཉིས་ཀྱི་རིང་ལ་སློབ་གྲྭའི་མགོ་ཁྲིད་རྣམ་པ་དང་སློབ་སྟོན་ཁང་དང་ལོ་རིམ་ཚན་ཁག་གི་རྐང་འཛིན་དགེ་རྒན་རྣམས་མཉམ་དུ་འཛོམས་ཏེ་ལྟ་ཁྲིད་སྦྱོང་སེལ་གྱི་བགྲོ་གླེང་ཚོགས་འདུ་ཚོགས།


སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་ལྟ་ཁྲིད་སྦྱོང་སེལ་གྱི་རྣམ་པ་གསར་བའི་སློབ་ཁྲིད་ལ་སློབ་སྦྱོང་བྱེད་པའི་འདུ་ཤེས་བཟུང་སྟེ། འབྲས་ལེགས་ཅན་གྱི་སློབ་ཁྲིད་འདི་མངོན་འགྱུར་བྱེད་པར་རང་རང་གི་ལྟ་ཚུལ་དང་དགེ་རྒན་རྣམ་པའི་ལྟ་ཚུལ་སོགས་བགྲོ་གླེང་མང་དུ་བྱས།


མདོར་ན། སློབ་ཁྲིད་ཀྱི་ཉམས་མྱོང་དང་སློབ་ཁྲིད་ཀྱི་ཐབས་ལམ། སློབ་ཁྲིད་ཀྱི་འདུ་ཤེས་སོགས་མཐོར་འདེགས་བཏང་སྟེ་རང་ཉིད་ཀྱི་སློབ་ཁྲིད་ལག་ལེན་ཁྲོད་ནས་སྟབས་ཇེ་བདེ་དང་ཁྲིད་ཇེ་ཤེས་ཀྱི་ལམ་ལ་གོམ་པ་སྤོ་དགོས་པས། སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བར་དེ་ལས་ཀྱང་ནུས་པ་ཐོན་ནོ།།
____________________
ཞུ་འབུལ། སློབ་གཙོའི་གཞུང་ལས་ཁང་།
སྒྲོག་ཡུལ ། རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་ཚན་ཁག་སོ་སོ་དང་ལོ་རིམ་ཚན་ཁག ཡིག་ཚགས་སུ་ཉར་བ།
|
|
|
|
|