为深入学习贯彻党的十九大精神和习近平新时代中国特色社会主义思想,落实立德树人根本任务,开展“四爱三有”主题教育系列活动,进一步培养学生爱画、爱写的习惯,促进全面发展素质教育。
སློབ་རའི་ འཕྲིན་གསར།
སྤྱི་ལོ༢༠༡༨ལོའི་ཟླ་༦པའི་༡༢ཉིན་རྩེ་ཁོག་རྫོང་གཞོན་ནུའི་བྱ་འགུལ་ལྟེ་གནས་ཀྱིས་གཙོ་སྒྲུབ་མཛད་པའི་ཆུང་འབྲིང་སློབ་མའི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་སྐབས་དང་པོ་རུ་ངེད་སློབ་གྲྭའི་སློབ་རིམ་གསུམ་པའི་སློབ་གྲོགས་གཅིག་དང་བཞི་པའི་གསུམ། ལྔ་པའི་གསུམ། དྲུག་པའི་བཞི་བཅས་བསྡོམས་པའི་སློབ་གྲོགས་བཅུ་གཅིག་འགྲན་བསྡུར་དུ་ཞུགས། དེ་ལས་སློབ་རིམ་དྲུག་པའི་སློབ་གྲོགས་བསམ་འགྲུབ་ཚེ་རིང་གིས་བོད་ཡིག་ཡིག་གཟུགས་ལས་ཨང་དང་པོ་དང་། སློབ་རིམ་གསུམ་པའི་སློབ་གྲོགས་ཚེ་རིང་སྒྲོལ་མས་རི་མོའི་འགྲན་བསྡུར་ལས་ཨང་གཉིས་པ་བཅས་སློབ་གྲོགས་བདུན་གྱིས་གཡུར་དུ་ཟ་བའི་འབྲས་བུ་བླངས། དེ་ནི་ངེད་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ཡང་དག་པའི་མཛུབ་སྟོན་དང་རིན་ཐང་ལྡན་པའི་དཀའ་ཚེགས་ལས་བྱུང་བའི་གྲུབ་འབྲས་ཡིན་པས། ཁྱེད་དགེ་སློབ་རྣམས་ལ་བཀྲ་ཤིས་རྟེན་འབྲེལ་དང་ནད་མེད་ཚེ་རིང་སློབ་གསོའི་འབྲས་བུ་སྔར་ལས་བཟང་པོ་ལོན་པའི་སྨོན་འདུན་ཡང་ཡང་ཞུས་པ་ཡིན།
2018ལོའི་ཟླ6པའི་ཚེས13ཉིན་སློབ་སྟོན་ཁང་ནས་སྤེལ།