འཕྲིན་གསར་གནད་བསྡུས།
མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་སློབ་སྟོན་ཁང་། ཐེངས་༢ ། ༢༠༡༨ལོའི་ཟླ༣ཚེས༡༢ཉིན།
__________☆__________
ལྟ་ཁྲིད་སྦྱོང་སེལ་གྱི་སློབ་ཁྲིད།
སྤྱི་ལོ༢༠༡༨ལོའི་ཟླ༣ཚེས༡༢ཉིན་གྱི་སྔ་དྲོའི་སློབ་ཐུན་གསུམ་པའི་སྐབས་སུ། སློབ་སྟོན་ཁང་གིས་སྣེ་ཁྲིད་དང་ལོ་རིམ་དྲུག་པ་ཚན་ཁག་གིས་རོགས་སྒྲུབ་བྱས་ཏེ་ལྟ་ཁྲིད་སྦྱོང་སེལ་གྱི་སློབ་ཁྲིད་ བྱེད་སྒོ་སྤེལ།


སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་དཔེ་ལེགས་ཅན་གྱི་དགེ་རྒན་ལ་སློབ་སྦྱོང་བྱེད་པའི་འདུ་ཤེས་བཟུང་སྟེ། ལྟ་ཁྲིད་སྦྱོང་སེལ་གྱི་སློབ་ཁྲིད་མངོན་འགྱུར་དང་སྐད་ཡིག་སློབ་ཁྲིད་མཐོར་འདེགས་གཏོང་བ། དགེ་རྒན་ཁྲིད་པར་དགའ་བ་དང་། སློབ་མ་སྦྱོང་བར་དགའ་བའི་དམིགས་འབེན་བཟུང་སྟེ། ཐེངས་འདིའི་བྱེད་སྒོ་ཁྲོད་ཀྱི་དགེ་རྒན་ཡོངས་ཀྱིས་གཅིག་གྱུར་གྱི་ལྟ་བ་ནི། དགེ་རྒན་དཔེ་ལེགས་ཅན་གྱི་སློབ་ཁྲིད་ལས་ཁྲིད་སྟངས་དང་ཁྲིད་ཐབས་གསར་བའི་ཕྱོགས་ནས་རང་རྒྱུད་ལ་ལེན་རྒྱུ་མང་བ་དང་སློབ་ཁྲིད་ཀྱི་སྦྱོར་དངོས་རྗེས་གསུམ་ལ་ཉམས་མྱོང་ལེན་རྒྱུ་མང་བས། བྱེད་སྒོ་ཡག་པོ་རེད་འདོད་ཀྱིན་ཡོད།
མདོར་ན། འདི་འདྲའི་བྱེད་སྒོ་མང་དུ་སྤེལ་ན་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་ལྟ་ཁྲིད་སྦྱོང་སེལ་གྱི་ཁྲིད་ཐབས་ཀྱང་ངོས་ལེན་ཡག་པོ་ཐོབ་ཐུབ་བོ།།
____________________
ཞུ་འབུལ། སློབ་གཙོའི་གཞུང་ལས་ཁང་།
སྒྲོག་ཡུལ ། རྩེ་ཁོག་རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་གི་ཚན་ཁག་སོ་སོ་དང་ལོ་རིམ་ཚན་ཁག ཡིག་ཚགས་སུ་ཉར་བ།
|
|
|
|
|