规范语言文字 构建和谐校园

规范语言文字 构建和谐校园

当前位置: 首页 > 语文教研组 > 二年级组下学期工作计划

二年级组下学期工作计划

2019年05月23日 15:25:34 访问量:103

༢༠༡༩ལོའི་སློབ་སྐབསསྨདཀྱི་ལོ་རིམ་གཉིས་ཚན་ཁག་གི་

བྱ་བའི་འཆར་གཞི།

སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ།འཛམ་གླིང་ལ་ཁ་ཕྱོགས་པའི་དམིགས་བྱ་གཙོར་བཟུང་སྟེ་རང་སློབ་གྲྭས་སློབ་སྒྲུབ་ཐབས་ལམ་གསར་བའི་ལམ་དུ་ཞུགས་པ་ཡིན་ལ།སློབ་སྒྲུབ་གསར་བའི་ལམ་ལུགས་འདི་ལེགས་འགྲུབ་དང་འཕེལ་རྒྱས།ཚན་རིག་དང་མཐུན་པའི་ལམ་ཁ་གསར་བ་ཞིག་སྙེགས་པར་ངེད་ལོ་རིམ་ཚན་ཁག་གིས་སློབ་རའི་ཕྱོགས་ཡོངས་ཀྱི་བྱ་བ་ཡར་རྒྱས་དང་ལྷག་པར་དུ་སློབ་མའི་ཤེས་བྱའི་ནུས་ཚད་མཐོར་འདེགས་གཏོང་བ།སློབ་གསོ་སྤྲོ་སྣང་ཅན་དང་སྣ་མང་ཅན།ལས་ཆོད་ཅན་གྱི་སློབ་གསོ་སློབ་ཁྲིད་ལ་ཁ་ཕྱོགས་པའི་ཆེད་དུ་སློབ་སྐབས་འདིའི་བྱ་བའི་འཆར་གཞི་འདི་ལྟར།

གཅིག བསམ་བློ་ཀུན་སྤྱོད།

མི་ཞིག་ལ་ཆ་ཚོན་ནས་བཤད་ན་ཀུན་སྤྱོད་བཟང་བོ་ཞིག་ཆགས་རྒྱུ་ནི་ཆེས་གཞི་རྩ་དང་མི་གཤིས་ཀྱི་གནད་དོན་གཙོ་བོ་ཡིན།སློབ་གྲྭ་ཞིག་ལ་ཚོན་ན་དགེ་རྒན་ནི་སློབ་གསོའི་སྲོག་རྩ་ཡིན་པས་ཐོག་མར་དགེ་རྒན་རང་ཉིད་ནས་མི་གཤིས་གཙང་མ་ཞིག་གིས་སློབ་མའི་ཀུན་སྤྱོད་ཕྱོགས་ཡོངས་ནས་ལེགས་པའི་ལམ་དུ་ཁྲིད་དེ་སློབ་མ་དེ་ཉིད་ཞི་དུལ་དང་ཡ་རབས་ཚུལ་ལྡན།སྤྱོད་གཙང་ཀུན་ལྡན་གྱི་མི་གཤིས་ཅན་ཞིག་ཏུ་སྐུལ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས་ན།ང་ཚོས་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་རྒྱུན་འཁྱོངས་དང་།དགེ་སློབ་རང་འགུལ་གྱི་ངང་ནས་སློབ་རའི་ཁོར་ཡུག་གཙང་སྦྲ།སྤྱིའི་རྒྱུ་རྫས་ལ་གཅེས་སྤྲས།སྤྱི་ཚོགས་འཆམ་མཐུན་ལ་ཤུགས་སྣོན་བྱས་ཏེ་དཔེ་བཟང་གི་སློབ་གྲྭའི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་རྒྱུ་ནི་གནད་གཙོ་བོ་བཟུང་ཡོད།

གཉིས། སློབ་གྲྭའི་སློབ་གསོ།

སློབ་གསོ་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་དམ་པོ་ཡོད་པས་མི་རིགས་ཡར་རྒྱས་ཀྱི་སྙིང་ལྟ་བུ་ཡིན།སློབ་གསོ་བྱ་ཡུལ་གྱི་ན་གཞོན་རྣམས་ལ་དམིགས་ཡུལ་དང་འཆར་གཞི།རྩ་འཛུགས་སོགས་ལྡན་པའི་སྒོ་ནས་བག་ཆགས་འཇོག་པའི་བྱེད་སྒོ་སྤེལ་ཞིང་།སློབ་བུ་རྣམས་ཀྱི་ཤེས་རིག་དང་ལུས་ཕུང་ཡར་རྒྱས་སུ་གཏོང་བ།ཤེས་བྱ་དང་ནུས་རྩལ་ངེས་ཅན་ཞིག་ཐོབ་པ།དེ་མིན་བསམ་པའི་ཀུན་སྤྱོད་ངེས་ཅན་ཞིག་ཆགས་པར་སློབ་གསོར་རག་ལས་པས་རང་སློབ་གྲྭའི་སློབ་གསོའི་ཐབས་ལམ་གསར་བ་དེ་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་བྱད་ཆས་བཀོལ་ནས་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་ཡོ་བྱད་འཐུས་ཚང་།སློབ་སྒྲུབ་ཐབས་ལམ་གསར་བར་སྣེ་ཁྲིད་མཛུབ་སྟོན་བྱེད་དུ་འཇུག་རྒྱུ།

གསུམ། སློབ་སྐབས་འདིའི་བྱེད་སྒོའི་བཀོད་སྒྲིག

ཟླ་གསུམ་པའི་འཆར་གཞི

༡སློབ་འགོ་བརྩམས་ཏེ་སློབ་མའི་མིང་ཐོ་འགོད་པ།

༢འཛིན་བདག་གི་སྤྱིའི་བྱ་བའི་འཆར་འགོད་དང་བསླབ་ཚན་ཁག་གི་འཆར་གཞི་འགོད་པ།

སློབ་རའི་བདེ་འཇགས་དང་ཁོར་ཡུག་གཙང་སྦྲར་ཤུགས་སྣོན་བྱེད་པ།

སློབ་མའི་དགུན་གནང་གི་ལས་བྱར་ཞིབ་བཤེར་བྱེད་པ།

༥ སྐད་ཡིག་གི་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ།

ཟླ་བཞི་བའི་འཆར་གཞི།

༡རང་སློབ་གྲྭ་དང་ཟུང་འབྲེལ་བྱས་ཏེ་སློབ་མའིཉིན་རྒྱུན་གྱི་སྤྱོད་ལམ་དང་སྒྲིག་སྲོལ་ལ་སློབ་སྦྱོང་བྱེད་པ།

སློབ་མར་རྒྱ་ཡིག་ཀློག་འདོན་གྱི་འགྲན་སྡུར་ཐེངས་གཅིག་སྤེལ་བ།

སློབ་ཁྲིད་མྱུར་ཚད་སྡེབ་སྒྲིག་བྱས་ཏེ།འཛིན་གྲྭ་རིམ་པའི་ལས་བྱ་མཉམ་དུ་འཇུག་པ།

ཚན་ཁག་ནང་ཁུལ་ནས་སློབ་ཁྲིད་གྲ་སྒྲིག་ལ་ཞིབ་བཤེར་ཐེངས་གཅིག་བྱེད་པ།

ཟླ་ལྔ་བའི་འཆར་གཞི།

ཚན་ཁག་ནང་ཁུལ་དུ་དགེ་རྒནཕན་ཚུན་གྱིས་སློབ་མའི་ལས་བྱར་ཞིབ་བཤེར་བྱེད་པ།

སློབ་མར་གྲངས་རིག་གི་དགུམཐའ་བློ་རྒྱུགས་འགྲན་སྡུརཐེངས་གཅིག་སྤེལ་བ།

ཚན་ཁག་ནང་ཁུལ་གྱི་སློབ་ཁྲིད་ལ་རྒྱུན་ལྡན་ལྟར་ཞིབ་བཤེར་ཐེངས་གཅིག་བྱེད་པ།

ཟླ་དྲུག་པའི་འཆར་གཞི།

ཚན་ཁག་ནང་ཁུལ་གྱི་བསམ་བློ་བརྗེ་རེས་སེམས་ངོར་འབབ་པ།

སློབ་གྲྭའི་བྱ་བའི་ཡིག་ཆར་སློབ་སྦྱོང་བྱེད་པར་མཉམ་འབྲེལ་བྱེད་དགོས།

༣རང་ཚན་ཁག་གི་ན་གཞོན་དགེ་རྒན་གྱིས་བཟོ་སྐྲུན་བྱེད་པའི་སྨྱན་གཟུགས་ལ་གཟེངས་བསྟོད་དང་སྐུལ་འདེབས་བྱེད་པ།

བོད་སྐད་ཡིག་གི་ཀློག་འདོནའགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

ཟླ་བདུན་པའི་འཆར་གཞི།

རྩ་འཛུགས་གང་ལེགས་བྱས་ཏེ་སློབ་དུས་དུས་མཇུག་བསྐྱར་སྦྱང་དང་སློབ་མས་རྒྱུགས་འབྲས་ཀྱི་བྱ་བར་དཔྱད་བསྡུར་བྱེད་པ།

༢བདེ་ཐང་གི་སློབ་གསོའི་ཁྲོད་སློབ་མས་སྤྱི་རྒྱུགས་ཡག་པོ་ཞིག་སྤྲོད་པར་གྲ་སྒྲིག་བྱེད་པ།

ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག

དབྱར་གནང་གཏོང་སྐབས་ཀྱི་སློབ་མའི་བདེ་འཇགས་དང་སློབ་གྲྭའི་ཁོར་ཡུག་གཙང་སྦྲ།

དབྱར་གནང་སྐབས་ཀྱི་སློབ་མའི་བདེ་འཇགས་སྐོར་གྱི་སློབ་གསོ།

ལོ་རིམ་གཉིས་པའི་སློབ་སྐབས་སྤྱིའི་སློབ་ཁྲིདབྱ་བའི་སྤྱི་བསྡོམས།

 

                                                                     ལོ་རིམ་གཉིས་པ་ཚན་ཁག་ནས།

                                                                    ༢༠༡༩ལོའི་ཟླ་༣་བའི་ཚེས་༣ཉིན།

 

 

 

 

 

 

 

 

 

 

 

 

 

 

 

 

 


编辑:拉浪措
上一篇:二年级组教师花名册
下一篇:没有了
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县城关寄宿制中心完全小学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:泽库县泽雄路33号
北京网笑信息技术有限公司 仅提供技术支持 违法和不良信息举报中心