规范语言文字 构建和谐校园

规范语言文字 构建和谐校园

当前位置: 首页 > 计划方案 > 期末考试方案

期末考试方案

2019年01月03日 09:41:20 访问量:301

རྫོང་མཁར་ཞོལ་ཆ་ཚང་སློབ་ཆུང་།

 

རྩེ་ཆུ་གྲོང་བརྡལ་ཆ་ཚང་སློབ་ཆུང་།        ཡིག་

དཔྱི་ས་ཡུལ་ཚོ་ཆ་ཚང་སློབ་ཆུང་།                 

རྩེ་གཞུང་ཐང་ཆ་ཚང་སློབ་ཆུང་།                    

༢༠༡༩ཨང་

 

༢༠༡༨ལོའི་རྩེ་ཁོག་རྫོང་སློབ་ཆུང་རིམ་པའི་མཉམ་རྒྱུགས་ཀྱི་

བྱ་བའི་བཀོད་སྒྲིགརྩིས་རིག་སྡེ་ཁུལ

 

གཅིག  བྱ་བའི་དམིགས་ཡུལ། 

       རང་རྒྱུགས་ཁུལ་གྱི་རྒྱུགས་ལེན་བྱ་བ་གོ་རིམ་ལྡན་ཞིང་རྩ་འཛུགས་ལྡན་པ། རྒྱུ་འབྲས་དྲང་བདེན་ཡོང་བ། བྱ་བ་གང་ཡང་འཐུས་ཤོར་དུ་མི་འགྲོ་བའི་ཆེད་དུ་སློབ་གྲྭ་སོ་སོ་དང་ཚན་ཁག་སོ་སོ།  དགེ་རྒན་སོ་སོས་རང་འགུལ་ངང་དུས་ཚོད་ཀྱི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས།  ཐུན་མོང་གི་འདུ་ཤེས་མཐོར་འདེགས་སུ་བཏང་ནས་རྒྱུགས་ལེན་བྱ་བ་ལེགས་འགྲུབ་ཡོང་རྒྱུ།

གཉིས།   དུས་ཚོད་བཀོད་སྒྲིག

   རྫོང་རིམ་པའི་གཅིག་གྱུར་བཀོད་སྒྲིག་ལྟར་རྒྱུགས་ལེན་རྒྱུ།

སྤྱི་ཟླ་དང་པོའི་ཚེས་༥ནས་ཚེས༧བར་རྒྱུགས་ལེན་རྒྱུ

ཚེས༧ཀྱི་ཕྱི་དྲོ་རྒྱུགས་ཤོག་གི་མགོ་བཙེམ་རྗེས་རྒྱུགས་ལ་བལྟ་བའི་མགོ་རྩོམ་རྒྱུ།

གང་འདོད་དུ་སྔ་ལོག་འཕྱི་འབྱོར་མི་བྱེད་པར་རྩ་འཛུགས་རིམ་པའི་བཀོད་སྒྲིག་གི་དུས་ཚོད་ལྟར་ལས་སྒྲུབ་དང་ངལ་གསོ་བྱ་རྒྱུ།

གསུམ།  རྒྱུགས་ཁུལ་གྱི་འགན་ཁུར་མི་སྣ།

སྤྱིའི་མགོ་ཁྲིད།  ཟོན་ཐར་འབུམ།  ཚེ་རྡོ།  སྐལ་བྷ།

ཚོགས་གཙོ།   བཀྲ་ཤིས་ཚེ་རིང་།

ཚོགས་གཙོ་གཞོན་པ།  པད་མ་སྐྱབས།  མདོ་སྡེ་འབུམ།  འབྲུག་རྡོ།

ཚོགས་མི།  སློབ་གྲྭ་སོ་སོའི་སློབ་སྟོན་སློབ་གཙོ།  སློབ་སྟོན་ཀྲུའུ་རིན།  སློབ་སྟོན་མི་སྣ།

བཞི།  མི་སྣའི་སྡེབ་སྒྲིག

རྒྱུགས་ལེན་སྐབས།

འགན་ཁུར་མི་སྣ།   སློབ་གྲྭ་སོ་སོའི་སློབ་སྟོན་ཁང་གི་མི་སྣ། 

རྒྱུགས་རྟོག་དགེ་རྒན   སློབ་གྲྭ་སོ་སོར་རྒྱུགས་ར་ག་ཚོད་ཡོད་ན་མི་དེ་ཙམ་བཀོད་སྒྲིག་བྱེད་པ།

                              སློབ་གྲྭ་གཞན་པའི་དགེ་རྒན་རྒྱུགས་རའི་དགེ་རྒན་གཙོ་བོ་ཡིན།  

འགན་ཁུར་མི་སྣ་གཅིག་ལྷག་མར་བཀོད་སྒྲིག་བྱ་རྒྱུ།

རྒྱུགས་ལ་བལྟ་སྐབས་ཀྱི་མི་སྣ་བཀོད་སྒྲིག

བསྐྱར་ཞིབ་མི་སྣ།

བཀྲ་ཤིས་ཚེ་རིང་།  མདོ་སྡེ་འབུམ།  འབྲུག་རྡོ།  རྩེ་ཏོག་རྒྱལ།  ཚེ་རིང་འབྲུག   ཆོས་གྲགས། སྐལ་བཟང་ཚེ་བརྟན།   རཏྣ་མཚོ། ཚུལ་ཁྲིམས་རྒྱ་མཚོ།

ལས་འགན་གཙོ་བོ།  བལྟས་ཚར་བའི་རྗེས་སུ་རྒྱུགས་ཤོག་ལ་བསྐྱར་ཞིབ་ཐེངས་གཅིག་བྱ་རྒྱུ། 

ལྟ་ཞིབ་མི་སྣ།

སློབ་རིམ་དང་པོ།     ཀུན་བཟང་དོན་འགྲུབ། 

སློབ་རིམ་གཉིས་པ།  ཚེ་རིང་བསམ་འགྲུབ། 

སློབ་རིམ་གསུམ་པ།  ཚེ་རིང་དོན་འགྲུབ། 

སློབ་རིམ་བཞི་བ། ཆོས་གྲགས།

སློབ་རིམ་ལྔ་བ། རྩེ་ཏོག་རྒྱལ།

སློབ་རིམ་དྲུག་པ།  བང་ཧན། 

ལས་འགན་གཙོ་བོ།  རྒྱུགས་ཤོག་ལ་དུས་ལྟར་བལྟ་རུ་འཇུག་པ།  སྐར་མ་སྟེར་ཚད་ཚད་ལྡན་བཟོ་བ།  གནད་དོན་ཐག་གཅོད་པ།   རྒྱུགས་ཤོག་མགོ་ནས་མཇུག་བར་ཤོག་ཐེར་རེ་རེ་བལྟས་ཚར་བར་བྱ་རྒྱུ།

འགན་ཁུར་མི་སྣ།

སྐལ་བཟང་ཚེ་བརྟན།  ཚེ་རིང་དོན་འགྲུབ།  ཆོས་གྲགས།   རཏྣ་མཚོ།  བསོད་ནམས་ལྷུན་འགྲུབ།  ལྷ་ལུང་མཚོ། 

སྒྲོལ་མ་ཚེ་རིང་།  གཅོད་པ་སྐྱིད།    ཆོས་བསྟན་རྒྱལ།     བན་དེ་སྐྱབས།    དཔལ་ལྡན་ཚེ་རིང་།

ལས་འགན་གཙོ་བོ།  རྒྱུགས་ཤོག་གི་དོན་ཚན་ཁག་བགོས།  ཞིབ་བཤེར་བྱེད་པ།  རྒྱུགས་ཤོག་ལ་དོ་དམ།  དངོས་པོ་སྤྲོད་ལེན།  རང་ཉིད་ལ་རྒྱུགས་ལྟའི་ལས་ཀ་སྟབས་བདེ་ཞིག་མ་གཏོགས་བཀོད་སྒྲིག་བྱེད་མི་དགོས།

ལག་བསྟར་ལས་སྒྲུབ་མི་སྣ།  

སློབ་གྲྭ་སོ་སོའི་སློབ་སྟོན་ཁང་གི་མི་སྣ། 

ལས་འགན་གཙོ་བོ།  རྒྱུགས་ཤོག་སྤྲོད་ལེན་དང་མགོ་བཙེམ་པ་སོགས།

རྒྱུགས་ལྟའི་དགེ་རྒན། 

སྤྱི་གཉེར་ཁང་གི་དགེ་རྒན་ཕུད་པའི་དགེ་རྒན་ཡོད་ཚད།

སྐར་འགོད་དགེ་རྒན། 

བསྡོམས་མི་12དགོས། 

མཁར་ཞོལ་སློབ་གྲྭ།   མི༦          དཔྱི་ས་སློབ་གྲྭ།   མི༤            རྩེ་གཞུང་ཐང་།  མི

བདེ་སྲུང་མི་སྣ།

སློབ་གྲྭ་སོ་སོའི་ཀུན་སྤྱོད་ཚན་ཁག་གི་མི་སྣ་དང་སྒོ་སྲུང་མི་སྣ།

ལས་འགན་གཙོ་བོ།  བྱིས་པའི་བདེ་འཇགས་འགན་སྲུང་དང་འཕྲལ་རྐྱེན་སེལ་བ།  སློབ་རའི་གཙང་སྦྲ།   དུས་ལྟར་སློབ་མ་རྒྱུགས་རར་འཇུག་པ་དང་རྒྱུགས་མེད་པའི་སློབ་མ་གཏན་ཁེལ་གྱི་ས་གནས་སུ་སློབ་སྦྱོང་བྱེད་དུ་འཇུག་པ།  ཕྱི་མི་གང་ཡིན་ནང་དུ་ཡོང་དུ་མི་འཇུག་པ་སོགས་ལ་འགན་ལེན་བྱ་རྒྱུ། 

མཁོ་སྤྲོད་ཁག་ཐེག་མི་སྣ།

སློབ་གྲྭ་སོ་སོའི་སྤྱི་གཉེར་མི་སྣ།

ལས་འགན་གཙོ་བོ།  དགེ་སློབ་ཡོངས་ཀྱི་བཟའ་བཏུང་དང་མཁོ་དངོས་མཁོ་སྤྲོད།   ཆུ་གློག་སོགས་ལ་འགན་ལེན་བྱ་རྒྱུ།

ལྔ།   བྱ་བའི་གོ་རིམ།

༡  སློབ་སྟོན་ཁང་ནས་རྒྱུགས་ཤོག་ལེན་པ།

  རྒྱུགས་རར་སོང་ནས་རྒྱུགས་ལེན་པ།

༣  རྒྱུགས་ཤོག་ཕྱིར་སློབ་སྟོན་ཁང་དུ་སྤྲོད་རྒྱུ།

རྒྱུགས་ཤོག་སྡེབ་བསྲེས་བྱས་ནས་མགོ་བཙེམ་པ།

  གཏན་ཁེལ་གྱི་ས་གནས་སུ་རྒྱུགས་ལ་བལྟ་བ།

༦  བསྐྱར་ཞིབ་མི་སྣས་བསྐྱར་ཞིབ་བྱེད་པ།

༧  རྒྱུགས་ཤོག་མགོ་གཏོར་ནས་སློབ་གྲྭ་སོ་སོདང་འཛིན་གྲྭ་སོ་སོར་བགར་བ།

༨  སྐར་མ་བརྩིས་རྒྱག་པ།

༩   རྒྱུགས་ཤོག་དང་སྐར་མ་མཉམ་དུ་སྐར་འགོད་པར་སྤྲད་ནས་གློག་ཀླད་དུ་འཇུག་པ།

དྲུག   འགྲིག་ལམ་གཙོ་བོ་འགའ

དང་པོ།  རྒྱུགས་རའི་འགྲིག་ལམ།

༡  དུས་ཚོད་ཀྱི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་བརྟན་པོ་དགོས།

༢  ཉེ་རིང་ཕྱོགས་རིས་ཀྱི་ལྟ་ཚུལ་དང་གནས་ཚུལ་གང་རུང་གཏན་ནས་ཡོད་མི་ཆོག

   སྐར་མ་ཉི་ཤུའི་གོང་དུ་སློབ་མ་རྒྱུགས་རར་འགྲོ་རུ་འཇུག་པ།  ཆུ་ཚོད་གཅིག་མ་འགོར་བར་ཕྱིར་འབུད་དུ་བཅུག་མི་ཆོག   སློབ་མ་མི་ཚང་ན་དུས་ལྟར་བརྡ་གཏོང་རྒྱུ།

   འབྲི་བྱེད་ཞ་སྨྱུག་ཡིན་དགོས།  ཞ་སྨྱུག་དང་ཚོན། སྨྱུག་གཞོག   འཇལ་ཤིང་བཅས་ལ་རྒྱུགས་ར་དངོས་པོ་གཞན་ཁྱེར་མི་ཆོག

རྒྱུགས་རའི་དགེ་རྒན་གཙོ་བོས་རྒྱུགས་ཤོག་སྤྲོད་ལེན་བྱ་རྒྱུ། སྐར་མ་བཅོ་ལྔའི་གོང་དུ་རྒྱུགས་ཤོག་ལེན་དུ་ཡོང་རྒྱུ།   རྒྱུགས་རའི་དགེ་རྒན་ཕལ་བས་སློབ་མ་ཚང་མིན་དང་སློབ་མའི་འདུག་ས་བཀོད་སྒྲིག   མིང་སོགས་བྲིས་ཡོད་མེདསོགས་ལ་ཞིབ་བཤེར་བྱ་རྒྱུ།  

སྐར་མ་ལྔའི་སྔོན་དུ་རྒྱུགས་ཤོག་སློབ་མར་སྤྲོད་རྒྱུ་དང་མིང་སོགས་འབྲི་རྒྱུ།  དུས་ཚོད་ལ་མ་ཐོན་པའི་ཡར་སྔོན་དུ་རྒྱུགས་ཤོག་གི་ནང་དོན་དངོས་འབྲི་རུ་བཅུག་མི་ཆོག

    སློབ་རིམ་དང་པོའི་སློབ་མས་རང་གི་མིང་སོགས་འབྲི་མི་ཤེས་ན་ཚབ་ཏུ་འབྲི་རྒྱུ།

རྒྱུགས་ར་ནས་ཁ་བརྡ་མི་བྱེད་པ་དང་།   ཁ་པར་སོགས་རྒྱུགས་རར་འཁྱེར་མི་ཆོག  

ཆུ་ཚོད་སྐར་མ་སུམ་ཅུ་ལས་མེད་དུས་བརྡ་གཏོང་བ་དང་སྐར་ལྔ་ལས་མེད་དུས་རྒྱུགས་ཤོག་སྤྲོད་རྒྱུའི་གྲ་སྒྲིག་གི་བརྡ་གཏོང་བ།

༡༠  རྒྱུགས་ར་ནས་སློབ་མར་སྡིག་དམོད་སོགས་སྐད་ཆ་ངན་པ་སོགས་བཤད་མི་ཆོག

  རྒྱུགས་ཤོག་འབྲི་དུས་རྒྱུགས་ཤོག་གི་དཀྱིལ་ནས་ཉིས་ལྟེབ་བྱས་རྗེས་འབྲི་རུ་འཇུག་པ།  ལུས་དྲང་པོ་བྱས་ནས་འབྲི་དགོས་པར་སྐུལ་བ།

  རྒྱུགས་ཤོག་ལ་གནད་དོན་ཡོད་མེད་དང་རྒྱབ་ངོས་སུ་དཔར་ཡོད་མེད་ལ་སྔ་མོ་ནས་གསལ་བཤད་བྱེད་པ་དང་གསལ་བོར་བལྟ་རྒྱུ།

ཉན་འབྲི་བྱེད་དུས་ཡར་མར་ལ་སོང་མི་ཆོག་ལ་སྒོ་ཕྱེ་བ་དང་རྒྱག་པ་སོགས་བྱས་ཏེ་ཉན་པར་བར་ཆད་མི་བཟོ་བ་བྱ་རྒྱུ།

༡༤  གཏན་འཁེལ་གྱི་རྒྱུགས་ར་དང་གཏན་ཁེལ་གྱི་འདུག་གནས་སུ་འདུག་རྒྱུ་ལས་རྒྱུགས་ར་དང་འདུག་གནས་གང་འདོད་དུ་བརྗེ་མི་ཆོག 

༡༥  རྒྱུགས་རའི་དགེ་རྒན་གང་འདོད་དུ་སྒོ་ཕྱི་ལ་སོང་མི་ཆོག   ཁྱད་པར་ཅན་གྱི་གནས་ཚུལ་ཡོད་ན་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་ན་ད་གཟོད་ཁ་འབྲལ་ཆོག

༡༦   རྒྱུགས་ཤོག་སྟེང་ན་དཔར་མི་གསལ་པའི་གནས་ཚུལ་དང་ན་ཚ་སོགས་ཀྱི་དབང་གིས་རྒྱུགས་འབྲི་མི་ཐུབ་པའི་སློབ་མ་སོགས་ཡོད་ན་དུས་ལྟར་ཡར་ཞུ་བྱ་རྒྱུ།

༡༧  རྒྱུགས་ར་ལས་སློབ་མས་སྐད་ཆ་བཤད་པ་དང་གཡས་གཡོན་མདུན་རྒྱབ་ལ་བལྟ་བ་སོགས་གཏན་ནས་བྱེད་དུ་བཅུག་མི་ཆོག   ཐེངས་གཅིག་ལ་བཤད་ཀྱང་ཁར་མི་ཉན་པའི་སློབ་མ་ཡོད་ན་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།

༡༨   རྒྱུགས་ཤོག་ཏུ་གནད་དོན་དང་འདྲི་དགོས་པའི་གནས་ཚུལ་སོགས་ཡོད་ན་ཐོག་མར་ལག་པ་འགྱོག་དགོས་པ། ལག་པ་བཀྱགས་ཡོད་མེད་སོགས་ལ་དུས་ལྟར་ལྟ་ཞིབ་བྱ་རྒྱུ།

གཉིས་པ།  རྒྱུགས་བལྟའི་འགྲིག་ལམ

༡  འགན་ཁུར་བ་གཙོ་གཞོན་གཉིས་བཀོད་སྒྲིག་བྱ་རྒྱུ།

༢  རྒྱུགས་ལ་བལྟ་དུས་འགན་ཁུར་བའི་ལས་བགོས་ལྟར་དུས་ལྟར་ལེགས་འགྲུབ་འབྱུང་རྒྱུ།

༣  འགྲིག་རྟགས་དང་སྐར་མ་སོགས་གྲ་དག་ཅིང་གསལ་བོར་འབྲི་རྒྱུ།

༤  རྒྱུགས་ངོས་སྐར་མ་སྣོན་གྲངས་ལས་འཐེན་གྲངས་ལྟར་བརྩིས་བརྒྱབ་མི་ཆོག

༥  སྐར་མ་གཏན་ཁེལ་གྱི་དྲ་མིག་ཏུ་གྲ་དག་གིས་འབྲི་བ་ལས་གང་འདོད་ལྟར་བྲིས་མི་ཆོག

༦  རྒྱུགས་ངོས་སྐར་མ་ལ་ཡང་བསྐྱར་ཐེངས་གཅིག་བསྐྱར་བརྩི་བྱེད་པ།

༧  རྒྱུགས་ལ་བལྟ་སར་མི་གཞན་གང་འདོད་དུ་འགྲོ་འོང་བྱས་མི་ཆོག

༨  གནས་ཚུལ་གྱི་དབང་གིས་ཕྱི་རོལ་དུ་འགྲོ་དགོས་པ་བྱུང་ན་འགན་ཁུར་མི་སྣར་གན་བ་ཞུ་དགོས།

༩   སློབ་མའི་ཆུ་ཚད་དང་བསྟུན་ནས་བསམ་བློ་གཏོང་དགོས་སར་དེ་ལྟར་བྱེད་པ་ལས་དགེ་རྒན་རང་གི་ཆུ་ཚད་དང་བསམ་བློ་འཁྱེར་སོ་ལྟར་སྐད་ཆ་མི་བཤད་དང་ཐག་མི་གཅོད་པ།

གསུམ་པ།  སྐར་འགོད་པའི་འགྲིག་ལམ།

༡  ནོར་བ་གཏན་ནས་མི་འབྱུང་བའི་ཆེད་དུ་གཟབ་ནན་བྱེད་པ།

༢  གཏག་ཚར་རྗེས་བསྐྱར་ཞིབ་ཐེངས་གཅིག་དང་གདམས་ཞིབ་ཐེངས་གཅིག་བྱེད་པ།

༣  རྒྱུགས་སྐར་གང་འདོད་དུ་ཕྱིར་བསྒྲགས་བྱས་མི་ཆོག

༤  སྐར་འགོད་མི་སྣ་ལས་མི་གང་ཡིན་སྐར་འགོད་ས་གནས་སུ་ཡོང་དུ་བཅུག་མི་ཆོག

༥  གལ་ཏེ་གནད་དོན་གང་རུང་ཡོད་ན་གང་འདོད་དུ་ཐག་གཅོད་མི་བྱེད་པར་འགན་ཁར་མི་སྣར་ཡར་ཞུ་བྱེད་པ།

བདུན།  རྒྱུགས་ལ་བལྟ་བའི་ཚད་གཞི།

༡  ཁ་སྐོང་དང་དྲིས་ལན་སོགས་གདངས་ཐོན་པའི་ཡིག་ནོར་ལ་སྐར་མ་མི་འཐེན། གྲངས་ཀའི་མིང་དང་ཆེད་སྤྱོད་བརྡ་ཆད་ལ་ཡིག་ནོར་བྱུང་ཚེ་སྐར་མ་འོས་འཚམ་འཐེན་པ   

༢  རྩིས་རྒྱག་གི་སྐབས་སུ་རེ་འདུན་དང་ཆ་རྐྱེན་ལ་བསྟུན་ནས་བརྒྱུད་རིམ་མེད་པ་དང་༼སྐོང་ཆོག་པ་ཕུད༽   ཐོབ་གྲངས་སོགས་གང་ཞིག་ནོར་བའམ་བརྒྱུད་རིམ་ཆ་མ་ཚང་ཚེ་སྐར་མ་འོས་འཚམ་འཐེན་རྒྱུ 

༣  བེད་སྤྱོད་རྩིས་གཞི་ལ་རྩིས་ཕྲེང་དང་། ཐོབ་གྲངས། དྲིས་ལན་དང་ཚད་གཞི་སོགས་གང་རུང་མ་ཚང་བ་དང་མ་འགྲིག་ན་འོས་འཚམ་གྱི་སྐར་མ་འཐེན་རྒྱུ།

༤  ཁྲིད་མེད་པའི་ནང་དོན་སྐར་ལྔའི་མན་ཆད་ལ་དོ་སྣང་བྱེད་མི་དགོས། སྐར་ལྔའི་ཡན་ཆད་ལ་གྲོས་བསྡུར་བརྒྱུད་ཐག་གཅོད་བྱ་རྒྱུ།

 

 

 

 

 

 

 

 

 

རྫོང་མཁར་ཞོལ་བཅའ་སྡོད་ཆ་ཚང་སློབ་ཆུང་།                           རྩེ་ཆུ་གྲོང་བརྡལ་ཆ་ཚང་སློབ་ཆུང་།

 

 

 

 

དཔྱི་ས་ཡུལ་ཚོ་ཆ་ཚང་སློབ་ཆུང་།                                           རྩེ་གཞུང་ཐང་ཆ་ཚང་སློབ་ཆུང་།

 

 

 

 

 

2019ལོའི་ཟླ་1པའི་ཚེས་2ལ།

编辑:则多加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县城关寄宿制中心完全小学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:泽库县泽雄路33号
北京网笑信息技术有限公司 仅提供技术支持 违法和不良信息举报中心